[196A] །།རྒྱ་གར་སྐད་དུ། བི་བྷངྒ་གུ་ཧྱ་ཏནྟྲ་ཎཱི་ཏྲི་རུ་དྲ་ད་མ་ནཾ་ནཱ་མ། བོད་སྐད་དུ། གསང་བའི་རྒྱུད་རྣམས་ཀྱི་རྣམ་པར་འབྱེད་པ་དྲག་པོ་གསུམ་འདུལ་ཞེས་བྱ་བ་ འཇམ་དཔལ་རྡོ་རྗེ་ལ་ཕྱག་འཚལ་ལོ། །དེ་ནས་ཕྱག་ན་རྡོ་རྗེ་ཡིས། །གསང་བའི་དོན་འདི་ཡང་དག་ཞུས། །སྒྲུབ་དང་གནས་དང་མཚན་ཉིད་དང། །རྫོགས་སངས་རྒྱས་ཀྱིས་བཀའ་ སྩལ་པ༑ ༑ཤེས་རབ་སྙིང་རྗེ་གསང་དབང་ལྡན། །ལྕགས་འདྲའི་རི་དང་བྱ་སྐྱིབས་དང། །ནགས་ཚལ་འཐུག་དང་མཆོད་རྟེན་ནང་།ཞལ་གསུམ་ཕྱག་དྲུག་འཇིགས་པ་ཆེ། །མཆེ་བ་ གཙིགས་པ་ནག་པོ་སྟེ། །དཀར་པོ་གཡས་ཏེ་ཁྲོས་པའི་མདོག་ཧཱུཾ་སྒྲོག་མེ་ལྕེ་འབར་བའི་དབུགས། །དམར་སེར་གཡོན་ཏེ་བཞད་པའི་ཞལ་།སྤྱན་དམར་མེ་དཔུང་དང་འདྲ་བ།། [196B] །ནོར་རྒྱས་དུང་སྐྱོང་སེར་པོས་དབུ། །དགའ་བོ་ཉེ་དགའ་སྙན་ཆ་དམར། །དཔུང་པ་པདྨ་ཆུ་ལྷ་དཀར། །སེ་རལ་འདབ་བཟང་རིགས་ལྡན་ནག་ཚམ་ངམ་རྡོ་ རྗེ་སྡིགས་མཛུབ་དང། །ཐལ་མོས་བདུད་འཇོམས་སྦྲུལ་ནག་འཛིན། །ཞལ་གསུམ་པ་སྟེ་འཇིགས་པ་ཆེ། །སྐུ་གསུམ་དག་གིས་རབ་ཏུ་མཚན། །ཕོ་ཉ་གསུམ་གྱིས་གདུག་པ་འདུལ་ ཀླུ་ཡི་གཉེན་པོའི་གནོད་སྦྱིན་བདག་བདུད་འདུལ་ཚངས་པའི་ཕོ་ཉ་ནི། །ཟླ་བ་ཉི་མ་དག་གི་སྟེང། །གླང་ཆེན་ཀར་ཀ་གསེར་གྱི་གདན། །བརྒྱ་བྱིན་སེར་པོ་རྡོ་རྗེ་འཛིན། །ཚངས་པ་རལ་གྲི་ པདྨ་འཛིན། །ཀླུ་འདུལ་སྦྲུལ་ནག་འཛིན་པ་འོ། །བདུད་འདུལ་དབང་པོ་ཉི་མའི་སྟེང། །གནོད་སྦྱིན་ཟླ་དང་སྟོབས་ཀྱི་སྟེང། །ཀླུ་འདུལ་རི་སྟེང་རྒྱ་མཚོའི་ནང། །སྦྲུལ་ནག་འཁྱིལ་པ་སྟོབས་ ལྡན་ཏེ༑ ༑མཁའ་དང་རི་བོས་མནན་པའི་སྟེང། །གསེར་མདོག་སྟོབས་ལྡན་གཉིས་ཀྱི་གདན། །བརྒྱད་ཁྲིར་ཞབས་བཞག་རི་རབ་མནན། །མེ་དཔུང་སྐུ་ལ་འཁྲུགས་པའི་འོད། །ཁམས་ གསུམ་ཁྱབ་མཛད་ཁྲོ་བོ་འཕྲོ། །སངས་རྒྱས་འདུས་པའི་སྐུར་ཕྱག་འཚལ། །དེ་ནས་གསང་བའི་དཀྱིལ་འཁོར་ནི། །རྡོ་རྗེ་མེ་དཔུང་འོད་དང་ལྡན། །དེ་ཉིད་མཁའ་དང་འབྱུང་བ་ལས། །དུར་ ཁྲོད་བརྒྱད་དང་ལྡན་པའི་གནས། །བདག་པོའི་ས་བོན་ལས་བྱུང་བ་།ཟླ་ཉི་ཐོད་པ་རྡོ་རྗེ་ལས། །དྲག་པོའི་རྟགས་ལྡན་གཙོ་བོ་ཆེ་།མཛེས་ལྡན་སྐུ་ལ་ཡང་དག་འཁྲིལ། །དྲག་ཆེན་ [197A]༄༅། །འདུལ་མཛད་དྲི་ཟའི་གཙོ། །མདོག་དཀར་རྩེ་གསུམ་འབར་བ་འཛིན། །འོད་འཕྲོ་དཀར་མོ་སྐུ་ལ་འཁྲིལ། །འཇོམས་མཛད་སྤུ་གྲི་འབར་བ་འཛིན། །མགོན་པོ་ གཟི་བརྗིད་གཤིན་རྗེའི་བདག་མདོག་སེར་དབྱུག་ཐོས་གཤིན་རྗེ་འདུལ་།མདངས་ལྡན་སེར་མོ་སྐུ་ལ་འཁྲིལ། །འཇའ་འདྲ་བ་ཡི་ཟངས་དྲི་བསྣམས། །འབྲུག་སྒྲ་སྒྲོག་པའི་ཀླུ་ ཡི་གཙོ༑ ༑མདོག་དམར་ཀླུ་འདུལ་སྤྲུལ་གྱི་ཞགས། །སྒྲ་ཡི་ལྷ་མོ་སྐུ་ལ་འཁྲིལ། །མདོག་དམར་གཅོད་པའི་སྟེའུ་བསྣམས། །འཕྲིན་ལས་ཁྲོ་བོ་གནོད་སྦྱིན་བདག་ལྗང་ནག་པོ་ ཅོན་གནོད་སྦྱིན་འདུལ། །རླུང་འབྱིན་ལྗང་གུ་སྐུ་ལ་འཁྲིལ། །འབར་བའི་འཁོར་ལོ་ཕྱག་ན་བསྣམས། །འགུགས་པ་ལྕགས་ཀྱུ་ལྕགས་ཀྱུ་སྟེ་།སྡུད་པ་ཞགས་པ་ཞགས་པའི་ བདག་སྡོམ་པ་ལྕགས་སྒྲོག་ལྕགས་སྒྲོག་སྟེ། །ཞི་མཛད་དྲིལ་བུ་དྲིལ་བུ་ཞི། །ཁ་སྦྱོར་བདེ་དང་ལོངས་སྤྱོད་དང། །ཆོས་དང་སྤྲུལ་པའི་འཁོར་ལོ་ལ། །ས་བོན་རབ་ཏུ་འབར་བ་ ཡིས༑ ༑ཐབས་དང་ཤེས་རབ་སྲེག་གསོ་མཛད། །ཉི་མ་ཟླ་བའི་འཕྲོ་འདུ་ལས། །ཐིག་ལེའི་རང་བཞིན་མི་ཤེགས་ལ། །གསང་བའི་རྒྱུད་ཀྱི་རྣམ་པར་འབྱེད་པ་དྲག་པོ་གསུམ་ འདུལ་ཞེས་བྱ་བ་ལས། ལེའུ་དང་པོའོ།། །།དེ་ནས་ཡང་དག་བཤད་བྱ་བ། །གསང་བའི་སྔགས་ནི་ཁྱོད་ཀྱིས་ཟུངས། །ལས་རྣམས་ཐམས་ཅད་འགྲུབ་པ་དང། །སྡིག་པ་ [197B] །ཀླུ་དང་གནོད་སྦྱིན་བསྡིགས་པ་དང་།བདུད་རྣམས་མ་ལུས་ཞི་བྱེད་པའི། །དུས་གསུམ་སངས་རྒྱས་བྱིན་བརླབས་པའི། །རྡོ་རྗེ་ཅན་གྱི་སྔགས་བཤད་བྱ། །ཏདྱ་ཐཱ་ བཧོ་བཧོ་པཾ་ནཱ་གཱ་ཨ་དཧི་པ་ཏ་ཡེ། ཨི་དཾ་ནཱི་ལཱམྦ་ར་དྷ་ར་ཤ་རཱི་རཾ། བཛྲ་པཱ་ཎི་ཧྲྀ་ད་ཡཾ། ཡཿ་ས་མ་ཏི་ཀྲ་མ་ཐ་མཱ་ཀུ་ལ་ཨུཏ་སཱ་ད་ནཾ། བྷ་བི་ཥྱནྟ། ཏདྱ་ཐཱ། བུདྡྷ་བུདྡྷ། བི་བུདྡྷ་བི་བུདྡྷ། མ་ཏི་ཀྲ་མ་ ཐ༑ ཧ་ར་ཧ་ར་ནཱ་གཱ་ནཱཾ། པྲ་ཧ་ར་པྲ་ཧ་ར་ནཱ་གཱ་ནཱཾ་ཙྪིནྡ་ཙྪིནྡ་ནཱ་ག་ཧྲྀ་ད་ཡཱ་ནི། བྷིནྡ་བྷིནྡ་ནཱ་ག་མརྨ་ཎི། བི་ཤཱི་རྱཾ་ཏུ་ནཱ་ག་ཤ་རཱི་རཱ་ཎི། བི་སྥོ་ཊ་ཡ་ནཱ་ག་ན་ཡ་ནཱ་ནཾ། ཏདྱ་ཐཱ། ཧཱུཾ་ཕཊ། ནཱ་ག་བི་དཱ་ རཱ་ཎཱ་ཡ་ཧཱུཾ་ཕཊ། ནཱ་གོ་ཏ་སཱ་ད་ནཱ་ཡ་ཧཱུཾ་ཕཊ། ནཱི་ལ་བ་ས་ནཱ་ཡ་ཧཱུཾ་ཕཊ། ཨ་པྲི་ཏ་ཧ་ཏ་བ་ལ་པ་རཱ་ཀྲ་མཱ་ཡ་ཕཊ། ཀྲི་ཏཱཾ་ཏཱ་ཡ་ཕཊ། ཀྲྀ་ཏཱཾ་ཏཱ་རཱུ་པཱ་ཡ་ཕཊ། རོ་ཥ་ཎཱ་ཡ་ཕཊ། ཏྲ་ས་ནཱ་ཡ་ཕཊ། ཀུསྨཱཾ་ ཌོ་ཏ་སཱ་ད་ནཱ་ཡ་ཕཊ། པྲ་ཏ་པི་ཤཱ་ཙ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཡཀྵ་ཨ་པསྨ་ར་བི་ན་ཤ་ཀ་རཱ་ཡ་ཕཊ། ཧ་ས་ཧ་ས་དྷ་ར་དྷ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། སརྦྦ་བིགྷྣཾ་བི་ནཱ་ཤ་ཀ་རཱ་ཡ་ ཕཊ༑ སརྦྦ་ཤ་ཏྲཱུཾ་སཾ་གྷ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ནི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སཱཧཱ། ཞེས་པ་ཕྲེང་བའི་གསང་བའི་སྔགས་སོ། །སངས་རྒྱས་གངྒཱའི་ཀླུང་གིས་གསུངས་པའི་རིག་ སྔགས་འདི་ནི། སྡིག་པ་ཐམས་ཅད་འདག་པ། མ་རུངས་པ་ཐམས་ཅད་འཇོམས་པ། ལས་ཐམས་ཅད་འགྲུབ་པ་ཡིན་ཏེ། དེ་ཡང་རིག་པ་འཛིན་པས་བསྒྲུབ་སྟེ། དམ་ཚིག་དང་ལྡན་ [198A]༄༅། །པས་སོ༑ ༑དེ་ཡང་བླ་མ་ལ་གུས་ཤིང། །ཡི་དམ་དཀོན་མཆོག་ལ་དད་ཅིང། །བྱང་ཆུབ་སེམས་དང་སྡོམ་པ་དང། །ལྷ་དང་སྔགས་ལ་གུས་པ་དང། །རྒྱུན་དུ་རྣལ་ འབྱོར་དང་ལྡན་ཏེ། །རྒྱུད་དོན་དོན་ལ་བརྩོན་ལྡན་ན། །ལས་རྣམས་ཐམས་ཅད་འགྲུབ་པའོ། །བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་བཀའ་བཞིན་མཛད་དེ་བཅོམ་ ལྡན་འདས་ལ་ཞུས་པ། དམ་ཚིག་དག་ལས་འདས་ན་ལས་རྣམས་མི་འགྲུབ་ཅིང། དག་པ་མེད་དང་དོན་མེད་དག་སྟེ། འབྲས་བུ་གང་དུ་སྐྱེ་འགྱུར་ཞེས་ཞུས་པས། རྡོ་རྗེའི་དམྱལ་བའི་ ནང་དུ་མི་བཟད་པའི་འབྲས་བུར་འགྱུར་རོ། །བཅོམ་ལྡན་འདས། དེའི་ཚེའི་ཚད་ཇི་ཙམ་དུ་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་ཞེས་ཞུས་པས། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཕྱག་ན་རྡོ་རྗེ། ཁྱོད་ལེགས་སོ། །ལེགས་སོ། །སྐྲག་པར་མ་བྱེད་ཅིག་འདིས་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་བཤིག་སྟེ། ཐུགས་དང་འགལ་བས་རྡོ་རྗེ་ གདན་ནམ་ཞིག་ཙམ་ན་ཐར་བར་འགྱུར་རོ། །བཅོམ་ལྡན་འདས། རྡོ་རྗེའི་གདན་ནམ་འཇིག་པར་འགྱུར་ཞེས་ཞུས་པ་དང། ནམ་མཁའི་ཁམས་ཀྱི་སེམས་ཅན་ཐམས་ཅད་སངས་ རྒྱས་པའི་འབྲས་བུ་ཐོབ་སྟེ་རྡོ་རྗེ་གདན་འཇིག་སྟེ་ཐར་པར་འགྱུར་རོ། །བར་མ་དོ་དང་སྐྱེ་གནས་འཇིག་པ་དག་ཡོད་དོ། །དེའི་གསང་བའི་སྔགས་ནི། ཟླ་བའི་སྟེང་དུ་ཡི་གེ་ཨ་ [198B] ཆོས་ཉིད་དག་པའི་སྔགས་བརྗོད་དོ། །ན་མཿ་ས་མནྟ་བཛྲ་ཎཱཾ། སརྦྦ་དྷརྨཱ་ཏ་བཛྲ་སཏ་ཧཱུཾ། ཞེས་ཕྱོགས་བཅུར་ཁ་བལྟས་ཏེ་རྡོ་རྗེ་ཐལ་མོ་སྦྱར་ཏེ་ཡེ་ཤེས་ཀྱི་འོད་ཀྱིས་གསོལ་བ་ བཏབ་ལ་རྡོ་རྗེ་སེམས་དཔའི་སྐུར་མོས་པར་བྱའོ། །ཨོཾ་བཛྲ་སཏ་ཧཱུཾ། ཞེས་པ་འབུམ་དུ་བརྗོད་ན། རྩ་བའི་དམ་ཚིག་ཉམས་པ་ཞི་བར་འགྱུར་རོ། །རྡོ་རྗེ་རྡོ་རྗེ་འཇིགས་བྱེད་ཆེ། །མེ་ལོང་མེ་ ལོང་གསལ་བའི་སྐུ། །ཞལ་གསུམ་ཕྱག་དྲུག་འཇིགས་པ་ཆེ། །མཚོན་ཆ་འཇིག་ལ་ཕྱག་འཚལ་བསྟོད། །དེ་བཞིན་གཤེགས་པ་དེ་བཞིན་གཤེགས། །ཆོས་དབྱིངས་ཆོས་དབྱིངས་ རྣམ་པར་དག་ཞལ་གསུམ་ཕྱག་དྲུག་མཚོན་ཆ་འཛིན། །དེ་བཞིན་གཤེགས་ལ་ཕྱག་འཚལ་བསྟོད། །སོ་སོ་ཀུན་རྟོག་ཀུན་རྟོག་བྲལ་།པདྨ་དྲི་མེད་པདྨའི་བདག་ཞལ་གསུམ་ཕྱག་ དྲུག་མཚོན་ཆ་འཛིན། །རྒྱ་མཚོ་སྐྱེས་སྐུ་ཕྱག་འཚལ་བསྟོད་།རིན་ཆེན་བཻ་ཌཱུར་གཟི་བརྗིད་འབར། །མཉམ་པ་མཉམ་ཉིད་ཡེ་ཤེས་སྐུ། །ཞལ་གསུམ་ཕྱག་དྲུག་མཚོན་ཆ་འཛིན། །རིན་ ཆེན་རྒྱ་མཚོ་ཕྱག་འཚལ་བསྟོད། །ལས་ཀྱི་སྐུ་སྟེ་འཕྲིན་ལས་མཛད། །བྱ་བ་བྱ་བ་སྒྲུབ་པའི་བདག་ཞལ་གསུམ་ཕྱག་དྲུག་མཚོན་ཆ་འཛིན། །འཕྲིན་ལས་རྒྱ་མཚོ་ཕྱག་འཚལ་བསྟོད། ། ཨོཾ་ཨ་ནནྟ་པ་ར་སཱཧཱ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། ཨཱ་ཀརྵ་ཡ་བཾ་དྷ་ཡ་སཱཧཱ། ཧ་ཡ་གྲི་བ་བནྡྷ་ཤོ་ཀཱ་སཱཧཱ། ཨོཾ་ཨ་པ་རེ་ཨ་པ་ར་ཛི་ཏ་སཱཧཱ། རོ་ཥ་ཎ་ཡེ་བྷྱ་ཕཊ། དེ་ནས་ལྷའི་གསང་སྔགས་ [199A]༄༅། །བརྗོད་པར་བྱའོ། །ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུཾ་ཕཊ། མཱ་ར་ཡ་ཙིཏྟ་རྦད་རྦད། ཨོཾ་བཛྲ་ཀྲོ་དྷ་མཧཱ་ཀཱ་ལ་ཡ་ཧཱུཾ་ཕཊ། ཙིཏྟ་ལ་ཀྲོ་དཧི་དུཉྫ། ཨོཾ་བཛྲ་ཀྲོ་དྷ་ནཱ་ག་ཧཱུཾ་ ཕཊ༑ མཱ་ར་ཡ་རཀྟ་རྔུབས་རྔུབས། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏེ་ཧཱུཾ་ཕཊ། མཱ་ར་ཡ་སོད་སོད་རྦད། དེ་ནས་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་རིག་པ་ཕུལ་བ། མ་ཧཱ་དེ་ཝ་མཱ་ར་ཡ་སོད་སོད། མ་ཧཱ་ ཡཀྵ་ཨ་སུ་ར་མཱ་ར་ཡ་ཧ་ན་ཧ་ན། ནཱ་ག་ར་ཛ་མཱ་ར་ཡ་ཛཿ་ཛཿ་མ་ཧཱ་མ་ནི་མཱ་ར་ཡ་རྔུབས་རྔུབས། མ་ཧཱ་བྷཱུཾ་མཱ་ར་ཡ་ཏིཥྛ་ཏིཥྛ། མ་ཧཱ་ཡ་ཀྵ་མཱ་ར་ཡ་བྷིནྡ་བྷིནྡ་ཁརྒ་མཱ་ར་ཡ་ཁོས་ ཁོས༑ མ་ཧཱ་བྲཧྨ་དེ་ཡེ་ཕཊ། མཱ་ར་ཎ་སོད་སོད། མཱ་ར་ཎ་བྱིང་བྱིང། མཱ་ར་ཎ་མུགས་མུགས། མཱ་ར་ཎ་ཧ་ལ་ཧ་ལ། མཱ་ར་ཎ་དཧུ་ན་དཧུ་ན། མཱ་ར་ཎ་མྱོས་མྱོས། མཱ་ར་ཎ་བྱིང་བྱིང་ཐུམ་རི་ལི་ ལི༑ ཐུམ་རི་ལི་ལི། ཛཿ་ཛཿ། བུམ་པ་ལེགས་པར་ལྡན་པ་ཡིས། །སྨན་གསུམ་རྩི་སྨན་སྣ་ཚོགས་དང། །ཁ་དི་ར་ཡི་ལོ་འདབ་བཅས། །ལྕགས་ཀྱི་རྡོ་རྗེའི་ཁོང་གསེང་དུ། །གསང་ བའི་སྔགས་ནི་བརྗོད་པར་བྱ། །གནམ་ལྕགས་མཆུ་ནི་སྟོང་པ་རུ་།སྤྲིན་བྲལ་སེར་བ་གཅད་པའི་ཕྱིར། །གསང་བའི་སྔགས་འདི་བརྗོད་པར་བྱའོ། །ཏ་དྱ་ཐཱ། ཨོཾ་ཊཀྐི་ཙ་ཏི་གུ་ཧྱ་ལི་ མི་ཥ་ཤ་གུ་གུ། ཤི་ཏི་བི་ཏི། ཧུ་ཡ་ཧུ་ཡ་པཱུ་ར་ཏ་སཱཧཱ་ཨོཾ་བཛྲ་པཱ་ཎི་བཛྲཱ་ཌ་ཀི་ནཱི་ན་ག་ཧེ་ཧེ། ཧུ་ཡ་ཧུ་ཡ། ཧུ་ལུ་ཧུ་ལུ། པཱུ་རུ་ཏེ་པུ་རུ་ཏེ་སཱཧཱ། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ། ཨེ་ཀ་ཨ་པ་ [199B] ཨོཾ་མ་ཎི་པདྨེ་བེ་ཤ་པྲ་བེ་ཤ་མཱ་མ་རུ་ལུ་བེ་ཤ་ཁ་ཐུན་བྷྱོ་ཨོཾ་བྲཧྨ་སྭ་སྟི། པུཥྚིཾ་སུ་ར་ཀཽ་ཤི་ཀ། རུ་དྲ་ཨཱི་ཤྭ་ར། བིཥྞུ། ཨི་ཤ་ནི། ཀུ་མཱ་ར་ཤཾ་ཀ་ར། སྨ་ར་ཤ་ཏྲཱུཾ་སཱཧཱ། ཨོཾ་ ཀརྐོཊ། ཀུ་ལི་ཤ་པདྨ། མ་ཧཱ་པདྨ། ཨ་ནནྟ། ཏཀྵ་ཀ་བཱ་སུ་ཀི། ཤཾ་ཁ་པཱ་ལ། ནཱ་ག་རཱ་ཛ་སཱཧཱ། ཨོཾ་ཨཱ་དི་ཏྱ་སོ་མ་ཨཾ་ག་ར། བུ་དྷ་བྲྀ་ཧསྦ་ཏི། ཤུ་ཀྲཿ། ས་ནཻ་ཤྩ་ར་ཀེ་ཏུ་སཱཧཱ། ཨོཾ་ ནཀྵ་ཏྲ། ཀརྟི་ཀ་རོ་ཧི་ཎི། མྲྀ་ག་ཤི་རཿ། ཨརྡྷཔུ་ནརྦ་སུཿ། པུ་དཡེཿ་ཨ་ཤླེ་ཥཿ། མགྷ། པཱུརྦ་ཕ་ལ་གུ་ཎཱི། ཨུཏྟ་ར་ཕལ་གུ་ཎཱི། ཏསྟཱ་ཙིཏྲ་སྥ་ཏི། བི་ཤཱ་ཁཱ། ཨཱ་ནུ་རཱ་དྷཱ། ཛྱེ་ཥྛ། མའུ་ལཾ་པཱུ་རྦ་ ཥཱ་ཌྷཱ། ཨུཏྟཱ་རཱ་ཥ་ཌྷཱ། ཤ་བ་ཎཿ་ཨ་བཧི་ཛི་ཏ། ཤ་ཏ་བཧི་ཥཱ་དྷ་ནིཥྛཱ། པཱུརྦ་བྷ་དྲ་པཱ་དཱ། ཨུཏྟ་ར་བྷ་དྲ་པཱ་ད། རཻ་པ་ཏི་ཨ་ཤྭི་ནཱི་བྷ་ར་ཎཱི་སཱཧཱ། ཨོཾ་ཨིནྡྲ་ཡ་ཡ་མ་བ་རུ་ཎ། ཀུ་པེ་ར། ཨགྣི་ རཱཀྵ་ས། བཱ་ཡ་བེ། ཨཱི་ཤ་ན་སཱུརྱ། ཙནྡྲ་ལོ་ཀ་པཱ་ལཱ་ཡ་སཱཧཱ། བཻ་ཤྲ་པ་ཎ། དྲྀ་ཌྷ་རཥྚ། བི་རུ་པཱཀྵ་ཌྷ་ཀ་།བི་རུ་པཱཀྵ་སཱཧཱ། ཨོཾ་དེ་བ་ནཱ་ག་རཱ་ཛ་སུ་ར་གནྡྷརྦྷ་ཤྩ། ག་རུ་ཌ། ཀིནྣ་ར། མ་ཧོ་ ར་ག་ཀུཾ་བྷཎྜ་སཱཧཱ། ཧ་ར་ཧ་ར། པྲ་ཧ་ར་པྲ་ཧ་ར་སརྦ་ནཱ་ག་ཕུཿ། ཙྪིནྡ་ཙྪིནྡ། ནཱ་ག་ཧྲྀ་ད་ཡཱ་ནི་ཕུཿ་བིནྡ་བིནྡ། ནཱ་ག་མརྨ་ཎི་ཕུཿ། བི་ཤཱིརྱནྟུ་ནཱ་ག་ཤ་རཱི་རཱ་ཎི་ཕུཿ་བི་སྥོ་ཊ་ཡ་ནཱ་ག་ན་ཡ་ན་ནི་ ཕུཿ། ནཱ་ག་བི་དཱ་ར་ཎཱ་ཡ་ཕུཿ། ནཱ་གོཏ་སཱ་ད་ནཱ་ཡ་ཕུཿ་སཱཧཱ། ཡཀྵ་བི་དཱ་ར་ཎཱ་ཡ་ཧཱུཾ་ཕཊ། ཡཀྵ་ཀྲོ་དྷ་སཱ་ད་ནཱ་ཡ་ཧཱུཾ་ཕཊ། ཡཀྵ་ནཱི་ལ་བ་ས་ནཱ་ཡ་ཕཊ་སཱཧཱ། ཡཀྵ་ཨ་པྲ་ཏི་ཧ་ཏ་བ་ལཱ་ཡ་ཕཊ་ [200A]༄༅། །ཡཀྵ་པ་རཱ་ཀྲ་མཱ་ཡ་ཕཊ། ཡཀྵ་ཀྲྀ་ཏཱཾ་ཏཱ་ཡ་ཕཊ། ཡཀྵ་ཀྲྀ་ཏཱནྟ་རཱུ་པཱ་ཡ་ཕཊ། ཡཀྵ་རོ་ཥ་ཎཱ་ཡ་ཕཊ། དེ་སྐད་ཅེས་བཀའ་སྩལ་ནས་ཐམས་ཅད་དབང་དུ་འདུས་ པར་གྱུར་ཏོ། །གསང་བའི་རྒྱུད་ཀྱི་རྣམ་པར་འབྱེད་པ་དྲག་པོ་གསུམ་འདུལ་ཞེས་བྱ་བ་ལས། གསང་བའི་སྔགས་ཀྱི་ལེའུ་སྟེ་གཉིས་པའོ།།།།དེ་ནས་ཆོ་ག་ཡང་དག་ བཤད༑ ༑མཎྜལ་མེ་ཏོག་བཅས་པའི་སྟེང། །མཆོད་རྟེན་སྐུ་གདུང་ལྡན་པ་དང། །བུམ་པ་སྔོན་པོ་མགུལ་ཆིངས་བཅས། །མཆོད་པ་རྣམ་ལྔ་དང་ལྡན་པས། །སྒྲུབ་པོ་དག་ནི་སྙུང་ ལྡན་པས། །རྨི་ལྟས་རིམ་པ་གསལ་བ་ཡིས། །ནད་པ་དག་ལ་ཡུངས་སྔགས་སོ། །བཅོམ་ལྡན་མགོན་པོ་ཞལ་གསུམ་དམར། །ཕྱག་དྲུག་རྡོ་རྗེ་སྡིགས་པ་གཡོན། །དྲག་པོའི་ ཐལ་མོས་འཇིགས་པར་བྱེད། །ཐ་མ་སྦྲུལ་གདུག་རི་རབ་མནན། །འཁོར་དུ་གནོད་སྦྱིན་ཆེན་པོ་སྟེ། །ཤ་ཟ་རབ་འཇིགས་རལ་པ་ཅན། །གདོང་སེར་སེར་གདོང་གནོད་སྦྱིན་མོ། །བོང་ བུའི་རྣ་བ་རྣ་བ་འཕྱང། །རལ་པ་གྱེན་འགྲེང་རལ་གྲི་སོ། །གནོད་སྦྱིན་འཁོར་དེ་ལྔ་བརྒྱ་བཅས། །ཡཀྵ་བི་དཱ་ར་ཎཱ་ཡ་ཧཱུཾ་ཕཊ། ཡཀྵ་ཀྲོ་དྷ་སཱ་ད་ནཱ་ཡ་ཧཱུཾ་ཕཊ། ཡཀྵ་ནི་ལཾ་བ་ས་ནཱ་ཡ་ཧཱུཾ་ ཕཊ། ཡཀྵ་པྲ་ཏི་ཧ་ཏ་བ་ལཱ་ཡ་ཧཱུཾ་ཕཊ། ཡཀྵ་པ་རཱ་ཀྲ་མཱ་ཡ་ཕཊ། ཡཀྵ་ཀྲྀ་ཏཱནྟ་ཡ་ཕཊ། ཡཀྵ་ཀྲྀ་ཏཱནྟ་རཱུ་པཱ་ཡ་ཕཊ། ཡཀྵ་རོ་ཥ་ཎཱ་ཡ་ཕཊ། ཅེས་བརྗོད་དེ་ཆུ་ལ་བསྔགས་ཤིང་ [200B] གནོད་སྦྱིན་གྱི་གདོན་ལས་ཐར་རོ། །མཆོད་རྟེན་སྐུ་གདུང་ལྡན་པའི་དྲུང། །ཚོན་སྣ་ལྔ་དང་ལྡན་པ་ཡིས། །མཆོད་པ་ལྔ་དང་ལྡན་པས་མཆོད། །སྒྲུབ་པོ་དག་ནི་སྙུང་ལྡན་ པས༑ ༑རྨི་ལྟས་རིམ་པ་གསལ་བ་ཡིས། །ནད་པ་དག་ལ་ཚོན་སྣས་བཅིང། །བཅོམ་ལྡན་མགོན་པོ་ཞལ་གསུམ་ལྡན། །ཕྱག་དྲུག་རྡོ་རྗེ་བསྡིགས་པ་གཡོན། །དྲག་པོ་ཐལ་མོས་འཇིགས་ པར་བྱེད། །ཐ་མ་སྦྲུལ་གདུག་རི་རབ་མནན། །མཁས་ལ་རྫུ་འཕྲུལ་དང་ལྡན་བདུད། །དགའ་རབ་དབང་ཕྱུག་ཐོད་ཕྲེང་ཅན། །བུམ་སྣ་སེན་དགུ་ཤ་ཟ་བདུད། །བཙུན་མོ་མེ་ཏོག་མཛེས་པ་ དང། །འོད་ཟེར་འཕྲོག་དང་མདངས་འཕྲོག་མ། །གདོན་རིགས་སྟོང་ཕྲག་བརྒྱད་ཅུའི་འཁོར། །མ་ལུས་བཅས་པའི་སྔགས་འདི་ནི། །གནད་ལ་བོར་བའི་སྲོག་སྔགས་སོ། །པྲེ་ཏ་བི་ཤཱ་ ཙི་བི་དཱ་ར་ཎཱ་ཡ་ཧཱུཾ་ཕཊ། པྲེ་ཏ་པི་ཤཱ་ཙ་ཀྲོ་དྷ་སཱ་དྷཱ་ནཱ་ཡ་ཧཱུཾ་ཕཊ། པྲེ་ཏ་པི་ཤཱ་ཙ་ནཱི་ལཾ་པ་ས་ནཱ་ཡ་ཧཱུཾ་ཕཊ། པྲེ་ཏ་པི་ཤཱ་ཙ་ཨ་པྲ་ཏི་ཧ་ཏ་བ་ལཱ་ཡ་ཕཊ། པྲེ་ཏ་པི་ཤཱ་ཙི་པ་རཱ་ཀྲ་མཱ་ཡ་ཕཊ་ པྲེ་ཏ་པི་ཥཱ་ཙ་ཀྲྀ་ཏཱནྟ་རཱུ་པཱ་ཡ་ཕཊ། པྲེ་ཏ་པི་ཤཱ་ཙ་རོ་ཥ་ཎ་ཡ་ཕཊ། ཉི་མ་ཟླ་བ་དག་གི་བར་དུ་རླུང་ལ་བསྐྱོན་ཏེ་ཚོན་སྣ་ལྔས་བཅིངས་ཏེ་བསྐྲད་པར་བྱའོ། །མཆོད་རྟེན་སྐུ་གདུང་ལྡན་ པའི་དྲུང། །མཎྜལ་མེ་ཏོག་བཅས་པའི་སྟེང། །སྙུང་བས་ཁྱི་ཡི་ཤ་ལ་བསྒྲུབ། །རྨི་ལྟས་རིམ་པ་ལྡན་པས་བརྟག་བརྒྱད་ཁྲི་ཞབས་ནུབ་འཇིགས་པའི་མེ། །གད་རྒྱངས་བཞད་མཛད་ [201A]༄༅། །ཞལ་གསུམ་པ། །ནག་པོ་ཞབས་གདུབ་གདུག་པ་འཛིན། །སྟོབས་ཆེན་རབ་ཏུ་གནོན་པ་པོ། །ཀླུ་ཆེན་མ་རུངས་གདུག་པ་ཅན། །ནོར་རྒྱས་དང་ནི་དུང་སྐྱོང་དང། ། དགའ་བོ་དང་ནི་འཇོག་པོ་དང། །པདྨ་པདྨ་ཆེན་པོ་འོ། །སྟོབས་ཀྱི་རྒྱུ་དང་རིགས་ལྡན་རྣམས། །རྒྱ་མཚོ་དག་ལ་གནས་པ་ཡི། །ཀླུ་དང་གཉན་དང་ས་བདག་གསུམ། །སྤྲུལ་པ་ལས་ལ་ གྲུབ་པ་ཡི། །གླེན་པ་ང་རྒྱལ་རྫུ་འཕྲུལ་ཅན། །སྤྲུལ་བ་འབུམ་སྡེ་འཁོར་བཅས་པའི། །མ་ལུས་པ་ཡི་སྔགས་འདི་ནི། །གནད་ལ་བོར་དེའི་རྩ་སྔགས་སོ། །ཧ་ར་ཧ་ར་ནཱ་ག་ཕུ། པྲ་ཧ་ རུ་པྲ་ཧ་ར་ནཱ་ག་པུ། ཙྪིནྡ་ཙྪིནྡ་ནཱ་ག་ཕུ། བྷནྡི་བྷནྡི་ནཱ་ག་ཕུ། བི་ཤཱིརྱནྟུ་ནཱ་ག་ཤ་རཱ་རཱི་ཎི་ཕུ། བི་སྥོ་ཊ་ཡ་ནཱ་ག་ན་ཡ་ནཱ་ནི་ཕུ། ནཱ་ག་བི་དཱ་ར་ཎཱ་ཡ་ཕུ་ནཱ་ག་ཀྲོ་དྷ་སཱ་དྷ་ནཱ་ཡ་ཕུ། བལ་ པོའི་སེ་འུ་དག་དང་ནི། །སྨག་ཤད་དག་གི་ལྕུག་མེས་བྱ་བ། དེ་ནི་ཀླུ་ཟློག་པར་བྱེད་པའི་ཆོ་གའོ། །ནཱ་ག་དུ་ན་དུས། ནཱ་ག་ཤོ་ན་དུས། ཧི་ལི་ཧི་ལི་ནཱ་ག་དུས་དུས། ཀླུ་ཆེན་ནཱ་གའི་ སྲོག་སྙིང་སྟེ། །གནད་ལ་བོར་བའི་སྲོག་སྙིང་ངོ། །ལྟོ་འཕྱེ་དག་གི་ཁ་ནས་ཁར། །བཅོམ་ལྡན་སྐུ་ནི་གསལ་བས་བཟླས། །དེ་ནས་རྡོ་རྗེ་འཛིན་ལ་བཀའ་སྩལ་པ། །ལས་རྣམས་བཞི་ ཡིས་ལས་རྣམས་འགྲུབ། །ས་གཞི་དག་ནི་སོ་སོར་བརྟག་ཞི་བ་དཀར་ཟླུམ་པདྨ་ཅན། །རྒྱས་སེར་གྲུབ་ཞི་འཁོར་ལོ་འོ། །དབང་དམར་ཟླ་གམ་ལྕགས་ཀྱུ་སྟེ། །དྲག་པོ་མཐིང་ནག་ [201B] །ཞི་བརྒྱས་པ་སོར་བཞི་དང། །ཁྲུ་གང་ཁྲུ་དོ་མཉམ་པའོ། །དབང་དང་དྲག་པོ་སོར་གསུམ་སྟེ། །ཁྲུ་གང་ཁྲུ་དོ་ཁྲུ་གསུམ་ཁྲུ། །འོ་མ་ཅན་དང་དྲི་ཞིམ་ཞིང། །འབྲས་བུ་ དང་བཅས་ཞི་རྒྱས་ཤིང། །ཚེར་མ་དུར་ཁྲོད་ཤིང་དག་ནི། །ཁ་དོག་དམར་ནག་དབང་དྲག་ལ། །ཀུ་ཤ་དག་ཀྱང་དགྲམ་བྱས་ཏེ། །ལས་ཀྱི་བུམ་པས་བསང་བར་བྱའོ། །ཞི་བ་ཞོ་དང་མར་དང་ ནི༑ ༑འོ་མ་དྲི་ཞིམ་མེ་ཏོག་དཀར། །འབྲས་དང་ནས་དང་གྲོ་དང་ནི། །ཞོ་ཡི་ཆ་དང་བསྲེས་པ་དབུལ། །རྒྱས་པ་ཞོ་སྦགས་དཀར་གསུམ་སྟེ། །མངར་གསུམ་འབྲས་བུ་གསུམ་དག་སྟེ།།ཡམ་ ཤིང་འོ་མ་ལོ་འདབ་བཅས། །ཏིལ་ནི་དཀར་བོ་ཤིས་པའོ། །ཁྭ་དང་འུག་པ་བྱ་རོག་བྲུན། །སྐེ་ཚེ་ནིམ་བ་ཉུངས་ཀར་དང། །ཁྲག་གིས་སྦགས་པའི་རྫས་ཀུན་ཏེ། །ཡམ་ཤིང་ཚོར་མེ་མར་ དག་དང། །ཤ་དང་ཚིལ་དང་གཟུགས་བཅས་པ། །ཏིལ་ནི་ནག་པོ་ཤིས་པའོ། ཤར་དུ་བལྟས་ན་ཞི་བ་སྟེ། །བྱང་དུ་བལྟས་ན་རྒྱས་པ་འོ། །ནུབ་ཏུ་བལྟས་ན་དབང་དུ་སྡུད། །ལྷོ་རུ་བལྟས་སྟེ་ གསད་པར་བྱའོ། །སྦྱིན་སྲེག་བྱས་པས་ལས་ཀུན་འགྲུབ། །གཡས་བརྐྱང་དབང་གི་འདུག་བ་སྟེ། །གཡོན་བརྐྱང་བས་ནི་གསད་པའོ་།བུམ་པ་ཁ་དོག་སྔོན་པོ་སྟེ། །གནམ་ལྕགས་ སོར་ནི་བཅུ་དྲུག་ཆད། །སྨན་ལྔ་འབྲུ་ལྔ་རིན་པོ་ཆེ། །འབྲས་གསུམ་འབྲུ་གསུམ་བཅས་པ་སྟེ། །དྲི་ཞིམ་ལོ་འདབ་བཅས་པའི་ཤིང་།བ་ཡི་རྣམ་ལྔ་ཁྲུ་དོ་ཚད། །གྲུ་བཞི་ཁྲུ་གང་ཟླུམ་པོ་ [202A]༄༅། །སྟེ༑ ༑སེང་ལྡེང་བཞི་ལས་བྱས་པ་ཡི། །ཕུར་པ་ཚོན་སྣ་དང་བཅས་པའི། །དཀར་གསུམ་མངར་གསུམ་བཅས་པ་ཡི། །གདེངས་ཀ་ཅན་ལ་དབུལ་བར་བྱའོ། ། གྲུབ་པ་ཁྲུས་བྱ་བསྲུང་བར་བྱའོ། །འབྲས་ཆན་བུ་རམ་ཧྭགས་དང་ནི། །འབྲུ་ཡི་ཆན་དང་དྲི་ཞིམ་དང། །དཀར་གསུམ་མངར་གསུམ་ཆུ་དག་དང། །མདུན་དུ་བྱས་ཏེ་ཕྱོགས་རྣམས་ སུ༑ ༑ཤ་དང་ཁྲག་དང་རུས་པ་དང། །ནས་དང་འབྲས་དང་གྲོ་ལ་སོགས། །ལ་ཕུག་སྒོག་པ་འབྲུ་ལ་སོགས། །ཆང་དང་བཅས་བ་མདུན་དུ་དབུལ། །ཨོཾ་པྲཧྨ། ཨོཾ་བིཥྞུ། ཨོཾ་རུ་དྲ་ཡ་ ཨོཾ་ཀརྟི་ཀ་ཨོཾ་ག་ཎ་པ་ཏི། ཨོཾ་ཨིནྡྲཱ་ཡ། ཨོཾ་མ་ཧཱ་ཀཱ་ལ་ཨོཾ་མ་ཧཱ་པྲཧྨ་ཡེ། བ་ལིཾ་ཏ་ཏ་ལེ་སཱཧཱ། སྟག་དང་ཁབ་ལེན་ཏི་ཚ་དང། །མཎྜལ་གྲུ་གསུམ་སྟེང་དུ་བཞག་ནག་པོའི་ཐོད་ པ་གྲི་གུག་ཅན། །སྲུང་དང་ལྡན་པས་གསང་སྔགས་བསྒྲུབ། །མ་ཧཱ་ཀཱ་ལ་ནི་རཱུ་པ་ཎཱ། ཨོཾ་ཤྲཱི་གྲི་བོ་བེ་ད་ཛ་ཛ་ཧ་ཧ། ས་མ་ཡ་གེགས་སོལ། ལྕགས་ཀྱི་སྙིང་ཕྱུང་ཞེས་པས་ལྕགས་ ལ་བྱའོ༑ ༑ནད་ཀྱི་སྲུང་བ་དག་ལ་ནི། །བྱང་ཆུབ་སེམས་དཔའི་སྐུར་གསལ་ལ། །སྙིང་གའི་ས་བོན་མེ་འབར་བས། །ནད་ཀུན་མ་ལུས་བསྲེག་པར་བྱའོ། །ཨོཾ་པི་དུག་ལུམ་པྲ་ཏི་བེ་ རོ་སཱཧཱ། འབྲུ་དང་སྨན་དང་ཁུར་བ་དང། །རིན་པོ་ཆེ་དང་ཆང་དང་ཤ་རྐང་དང་ལ་དུ་དཀར་གསུམ་དང། །མངར་གསུམ་བཅས་པའི་གཏོར་མ་དང། །ཆུ་ཡི་འགྲམ་མམ་རྒྱ་མཚོར་ [202B] ༑མེ་ཏོག་བདུག་པ་བཅས་པ་དབུལ། །ན་མསརྦྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། གསང་བའི་རྒྱུད་ཀྱི་རྣམ་པར་འབྱེད་པ་དྲག་པོ་གསུམ་འདུལ་ཞེས་བྱ་བ་ལས་ ལས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་བ་པུ་ནྱ་མ་ཏི་དང། ལོཙྪ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར་བའོ།།